Waiting at Kathmandu domestic airport.
Photo credit: Lama Karma Gelek
ཐང་དང་རི་ཀླུང་བགྲང་ལས་འདས་པའི་ངོགས།Beyond countless plans of valleys and mountains,
རི་བོ་འབྲུག་སྒྲ་ཞེས་པའི་གནས་མཆོག་རི།The summit beckons with its thunderous roars,
བཀའ་བ་ཁྱད་དུ་བསད་ནས་བསྐྱོད་པ་ཡིས།Embarking on this journey of adventures and hardships, ཚེ་རབ་བསགས་པའི་སྡིག་སྒྲིབ་སྦྱངས་བར་སྨོན། Sincerely wish for the elimination of sins and obscurations from all rebirths. ཞེས་པ་འདི་ཡང་དོལ་པོར་བསྐྱོད་སྐབས་བལ་ཡུལ་གནམ་ཐང་དུ་བྲིས་པ་དགེ།།Thus written in Kathmandu airport, heading for Nepalgunj to start Dolpo pilgrimage. May it be auspicious.
Shangpa17 September 2024

ཕྲ་རག་རྡུལ་བཞིན་འཕྲོ་བའི་རྣམ་རྟོག་རླབས།The waves of gross and subtle concepts, གཡོ་བའི་རང་བཞིན་གཅིག་ཏུ་མི་ཚུགས་འདི།Their movement cannot be sustained at ease, དྲན་ཤེས་བརྟན་པོས་རང་ཚུགས་གསལ་བརྟན་ངང་།With mindfulness and awareness, clarity and stability can remain,
འཇོག་པ་འདི་ཉིད་ཞི་བར་གནས་པའི་སེམས། One can then rest in the mind of calm abiding state.
Shangpa 15 September 2024Heading back to Nepal. Take care everyone, see you again.

11 Sep 2024 Animal liberation, Kusu Island, Singapore
UNESCO Centre (Old Town) of Tallinn. The origins date back to the 13th century
དངས་ཤིང་གཙང་བའི་བྷལ་ཊིག་རྒྱ་མཚོ་རུ།On the clear and clean Baltic sea,
ལྷུན་ཅིང་བརྗིད་ཆགས་རྒྱ་ཆེའི་གྲུ་གཟིངས་སུ།The majestic and giant cruise,
ཕྱོགས་གཞིར་གནས་པའི་རྣམ་དཔྱོད་བློ་ལྡན་རྣམས།From the four directions are the gentle and intelligent,
ལྷན་དུ་ཞི་བདེའི་གྲོས་དང་འགྲུལ་བསྐྱོད་རོལ།Traveling and advocating peace and harmony.
Penned while travelling in a cruise over baltic sea to Tallinn.
ShangpaStockholm, Sweden26 August 2024

སྐྱེས་ནས་འཆི་བར་ངེས་པའི་མི་རྟག་པ།The impermanence of birth leading to the certainty of death,
འདུས་ནས་འབྲལ་བར་ངེས་པའི་མི་རྟག་པ།The impermanence of union leading to the certainty of parting,
བསགས་ནས་ཟད་པར་ངེས་པའི་མི་རྟག་པ།The impermanence of accumulation leading to the certainty of depletion, སྐྱིད་སྡུག་ངེས་པ་མེད་པའི་མི་རྟག་པ།The impermanence of uncertainties of happiness and suffering,
བློ་ཁ་ཆོས་ལ་གཏད་ན་གཏད་རེ་རན།Oh, it is high time to turn our minds toward the dharma.
ShangpaOn the way to Singapore from Kathmandu19 May 2024

དཔག་མེད་འགྲོ་ལ་བརྩེ་བའི་ཐུགས་བསྐྱེད་ཀྱིས།མཆོག་གི་སྤྲུལ་པའི་རིམ་པ་གསེར་གྱི་འཕྲེང་།མཐོན་མཐིང་ཅོད་པཎ་འཛིན་པ་ཀརྨ་པ།མཐའ་ཡས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། Happy Birthday H.H. Karmapa Thaye Dorje.
6 May 2024
ཤིན་ཏུ་བྱམས་པའི་མ་ཡི་ཞལ་རས་ནི།The face of my loving mother, གློ་བུར་ཉི་མ་སྤྲིན་གྱིས་བསྒྲིབ་ལྟར་ཡལ།Disappeared like an overcast sky,
ད་ཕྲུག་ཐང་དུ་ལྷག་པའི་ཚོར་སྣང་འདིས།Whilst the bereaved is left alone in the world,
ཇི་སྲིད་གནས་པ་དེ་སྲིད་ཡིད་རེ་འཕྲེང་། Sorrowful the feeling remains.
Shangpa9th April 2024Kirtipur

དཔྱིད་ཀྱི་དཔལ་ཡོན་བཞད་པ་ཨུཏྤལ་བཞིན།Utpala flower blooming like the sprightly spring season,
ལང་ཚོའི་མཚན་བཟང་བཞད་པའི་ལོ་གསར་པར།The youthful visions of new year, ཀུན་ལ་ཚེ་རིང་ནད་མེད་དགའ་སྤྲོའི་མཛུམ།The smile of joyfulness, flourishment and longevity shines, ཀུན་ཏུ་འཆར་བའི་སྨོན་པ་འབུམ་གྱིས་བསུ།Millions of wishes for constant auspiciousness.
Expressing these verses in the plane enroute to Kathmandu from Singapore.
Shangpa12 Feb 2024

སྟོང་ཆེན་དབྱིངས་སུ་གཡུ་འབྲུག་ང་རོ་ཡིས།A roaring turquoise dragon 🐉 in the sphere of space,
ཤིས་པའི་འོད་ཟེར་མུན་པ་རབ་གཅིལ་ལྟར།Pacifies the darkness of negativity by its light of auspiciousness,
དགེ་ལེགས་འབྱུང་གནས་གནམ་ལོའི་རང་ཞལ་འདིས།Likewise, this lunar new year the source of wholesomeness,
ཚེ་དཔལ་བསོད་ནམས་འཕེལ་བའི་རྟེན་འབྲེལ་བཀྲ་ཤིས་ཞུ།I wish you longevity, glory, good fortune and a promising year.
Shangpa Rinpoche10 February 2024

ཕ་རོལ་འཇོམས་པའི་མཚོན་གྱི་འཁོར་ལོ་དང་། The wheels of destructive weapons,
དགའ་བདེའི་དཔལ་ལ་རོལ་པའི་འདོད་ཡོན་ཚོགས།And enjoyment of pleasing sensual pleasure,
ཆགས་སྡང་བསྐྱེད་པའི་ཉོན་མོངས་རླུང་འཚུབས་རྣམ།Rousing emotions from expectation and appreciation,
སྡུག་བསྔལ་ལས་གཞན་གཏན་བདེའི་གོ་སྐབས་བྲལ།All can be the cause of suffering rather than everlasting joy.
ShangpaPhuket 24 Jan 2024

མྱུར་བའི་རླུང་ལྟར་བསྐྱོད་པའི་གྲུ་ཆེན་གྱིས།The boat moving rapidly like the wind,
འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས།Crosses the ocean of fearful samsara, ཐར་པའི་གླིང་ཆེན་བདེ་ནས་བདེ་བ་རུ།Reaching the great island of bliss,
བསྐྱོད་པའི་བགོ་བསྐལ་ཐོབ་འདི་ཨེ་མཧོ། Ho! I have such an opportunity to achieve.
ShangpaPhuket23 Jan 2024

ཟིམ་ཟིམ་འབབ་པའི་ཆུ་རྡུལ་འཛིན་མར་སྨིན།Ripening through droplets of drizzling of rain,
ལྔོ་ལྗང་མེ་ཏོག་སྣ་ཚོགས་བཞད་པའི་དཔལ།Blooms various flora and greens,
རྟེན་ཅིང་འབྲེལ་འབྱུང་སྣོད་བཅུད་དག་མ་དགThe entire phenomenon is merely a production of interdependency, རྐྱེན་གྱིས་རབ་བསྐྱེད་བཟོ་བོས་བཅོས་སུ་མེད།Conditionally created without anyone’s fabrication.
Shangpa On the way to Thailand for Chod Retreat at Manjushri Retreat Center17 Jan 2024 Singapore Changi Airport